Wikipedia, Wikimedia, Wikisource, Wikidata བཅས་ཀྱི་གལ་ཆེའི་བཀོལ་སྤྱོད་ལམ་སྟོན་འགའ་དང་གནད་དོན་གྱི་སྐོར་ལ་བགྲོ་གླེང་བྱེད་ས་ཡིན།
༡ གནད་དོན་དང་པོའི་ངོ་སྤྲོད།
Wikimedia commons ནང་དཔེ་ཆ་འམ་ཡིག་ཆ་རིམ་པར་འཇོག་སྐབས་ཡིག་ཆ་སྔ་མའི་ཡིག་སྙིགས་ Caches ལྷག་པའི་རྐྱེན་གྱིས་Wikisource ནང་ཡིག་ཆ་རྗེས་མ་དེའི་འཆར་གནས་བཟོ་སྐབས་ཤོག་ངོས་རྣམས་འཆར་མི་ཐུབ་པའི་དཀའ་ངལ་ཞིག་ཡང་ཡང་འབྱུང་། དེའི་ཕྱིར་ཡིག་ཆ་སྔ་མའི་ཡིག་སྙིགས་ Caches གཙང་སེལ་བྱེད་པ་ལ་དེའི་ལག་ཆ་ Purge Button ཞིག་གསར་སྣོན་བྱ་དགོས།
སྣོན་སྟངས་ནི་གཤམ་གསལ་ལྟར།
- Wikimedia commons ནང་གི་རང་ཉིད་ཀྱི་མགོ་པར་སྟེང་དུ་སྣུན།
- Preferences སྟེང་དུ་སྣུན།
- Gadgets སྟེང་དུ་སྣུན།
- Maintenance tools ཡི་ནང་གསེས་ཀྱི་སྒམ་གཉིས་པ། Page Purge ལ་འདེམ་རྟགས་རྒྱོབས།
- Save ལ་བསྣུན་ཏེ་ཉར་ཚགས་བྱོས།
འདི་ལྟར་བྱས་ན་ Purge Button ཟེར་བའི་ལག་ཆ་ཆུང་ཆུང་འདི་དྲ་ངོས་ཀྱི་གཡས་ཟུར་གོང་མའི་ལག་ཆའི་དཀར་ཆག་ནང་འཆར་ཡོང་བ་ཡིན།
Purge Button འཆར་རྗེས་བཀོལ་སྤྱོད་བྱེད་སྟངས་ཀྱི་རིམ་པ།
Wikimedia commons ནང་ཡིག་ཆ་འམ་དཔེ་ཆ་གང་ཡང་རུང་བ་ཞིག་ནང་འཇུག་བྱས་རྗེས་ཐད་ཀར་
- Wikimedia commons ནང་གི་རང་ཉིད་ཀྱི་མགོ་པར་སྟེང་དུ་སྣུན།
- Contributions དེའི་སྒང་ལ་སྣུན།
- སྐབས་སུ་བབ་པའི་ཡིག་ཆ་གང་ཡིན་པ་དེའི་དྲ་ཐག་ཁ་ཕྱེས།
- གཡས་ཟུར་གོང་མའི་དཀར་ཆག་ནང་གི་ Purge ཟེར་བ་དེར་སྣུན། (དེས་ཡིག་སྙིགས་རྣམས་གཙང་སེལ་བྱེད་པ་ཡིན།)
- ཡིག་ཆའི་མཚན་བྱང་ངོ་བཞུ་བྱོས། མཚན་བྱང་ནི་ ( File:བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།.pdf) ལྟ་བུ་ཞིག་ཡིན།
- ངོ་བཤུ་དེ་ Wikisource ནང་ཞོག
Wikisource ནང་ཡིག་ཆའི་མཚན་བྱང་གི་མགོ་འགྱུར་བ་ཏོག་ཙམ་གཏོང་དགོས་ཏེ།
གོ་རིམ་གཤམ་གསལ་ལྟར།
- Wikisource ནང་གི་འཚོལ་གནས་ཁ་ཕྱེས།
- ངོ་བཤུ་དེ་འཚོལ་གནས་སུ་ཞོག
- མཚན་བྱང་གི་མགོ་ལ་Index: འདི་ལྟར་བསྒྱུར་དགོས། བསྒྱུར་རྗེས་ཀྱི་རྣམ་པ་ ( Index:བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།.pdf) འདི་ལྟ་བུ་ཞིག་ཡིན།
- Index:བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།.pdf འདི་ལྟར་བསྒྱུར་རྗེས་ཚོལ།
- ད་སྔ་བཟོས་ཟིན་པ་མེད་ན། Create the page ཤོག་ངོས་གསར་བཟོ་ཟེར་བ་དེར་སྣུན།
- དེ་ནས་Index ནང་གི་དཀར་ཆག་གི་ཐ་མ་དེར་Pagelist ཟེར་བ་དེར་སྣུན། དེའི་འོག་ལ་ཡིག་ཆའི་ཤོག་གྲངས་རྣམས་འཆར་ཡོང་ན་འགྲིག་སོང་བ་ཡིན། འཆར་མེད་ན་བསྐྱར་སྒྲིག་བྱ་དགོས།