ཝི་ཀི་མི་ཌི་ཡ་ཁོ་མོན་སི་(Wikimedia Commons)ནང་ནོར་འཁྲུལ་གྱིས་བཞག་པའི་པར་རྣམས་བརྗེ་སྒྱུར་བྱེད་ཚུལ།

Scroll down for English

མཆན། ཝི་ཀི་ཁོ་མོན་སི་ནང་ཡིག་ཆ་ཡར་འཇུག་བྱེད་སྐབས། མཚམས་རེར་ཁྱེད་ཀྱིས་པར་རིས་ནོར་ནས་ཡར་འཇུག་བྱེད་སྲིད། དེ་འདྲའི་གནས་སྐབས་སུ་ཤོག་ངོས་ཧྲིལ་པོ་སུབ་རྒྱུ་ནི་ཐབས་ལམ་གཅིག་ཡིན་ནའང་། དེའི་ཆེད་སྙན་ཞུ་རྒྱག་རྒྱུ་དང་བཀོད་འདོམས་པས་ཡ་ལན་ཐོབ་རྒྱུ་བཅས་ལ་ཆུ་ཚོད་འགའ་ནས་ཉིན་ཁ་ཤས་བར་དུས་ཡུན་འགོར་སྲིད། དེ་བས་ན་ཐབས་ལམ་གཞན་ཞིག་ནི་ནོར་འཁྲུལ་གྱི་པར་རིས་དེ་བརྗེ་རྒྱུ་ནི་ངེས་པར་དུ་མགྱོགས་པ་དང་ལེགས་པའི་ཐབས་ལམ་ཞིག་ཡིན།

༡. ཝི་ཀི་སྤྱི་མཐུན་ནང་གི་ཡིག་ཆའམ་ཤོག་ངོས་ལ་འགྲོ།

༢. ‘Upload a new version of this file’ (ཡིག་ཆ་འདིའི་པར་གཞི་གསར་པ་ཞིག་ཡར་འཇུག་བྱེད།) ཅེས་པའི་སྦྲེལ་མཐུད་རྙེད་པའི་བར་དུ་མར་འགྲིལ། དེ་ནི་'File usage on Commons’ཞེས་པའི་སྡེ་ཚན་གྱི་སྟེང་ཏག་ཏག་ཏུ་ཡོད།

༣. ‘Source file’ ཞེས་པའི་སྡེ་ཚན་བར་དུ་མར་འགྲིལ། དེར་ཁྱེད་ཀྱིས་‘Choose File’ ཞེས་པའི་མཐེབ་གནོན་མཐོང་རྒྱུ་རེད། མཐེབ་གནོན་འདི་ལ་གནོན་ནས་ཁྱེད་ཀྱི་གློག་ཀླད་ནང་གི་གནས་ས་ནས་ཡང་དག་པའི་ཡིག་ཆ་གསར་པ་ཡར་འཇུག་བྱེད།

༤. ‘File Changes’ ཞེས་པའི་ས་སྟོང་ནང་། བརྗེ་སྒྱུར་འདིའི་རྒྱུ་མཚན་ཞིག་འབྲི། དཔེར་ན་‘Replaced image with corrected version’ ཞེས་པ་ལྟ་བུ། རྒྱུ་མཚན་འདི་དབྱིན་ཡིག་ཏུ་འབྲི་ན་དགེ་ཚན་ཡོད་པ། དེའང་བཀོད་འདོམས་པ་ཕལ་ཆེར་བོད་ཡིག་མི་ཤེས་པ་ཡིན་པས་སོ།།

༥. དེ་ནས་མཇུག་ཕྱོགས་སུ་མར་འགྲིལ། དེར་ཁྱེད་ཀྱིས་‘Upload file’ ཞེས་པའི་མཐེབ་གནོན་རྙེད་རྒྱུ་རེད། དེ་ལ་གནོན་ན་ལས་དོན་་གྲུབ་པ་རེད།

How to Change a Content Mistakenly Uploaded on Wikimedia Commons

Note: While uploading files in Wiki Commons, at times you end up uploading the wrong cover image for a title. In such cases deletion of the whole page is one method, however deletion may take a few hours to a day. Therefore, changing the mistaken image is definitely a faster and better option.

  1. Go to the file/page in wiki commons

  2. Scroll down till you find the link, ‘Upload a new version of this file’, which is just above the section, ‘File usage on Commons’.

  3. Scroll down to the section, ‘Source file’, wherein you’ll see the button ‘Choose File’. Click this button and upload the new correct file from the location in your PC.

  4. In the space ‘File Changes’, fill in the reason for this change with a reason such as, ‘Replaced image with corrected version’.

  5. Scroll down towards the end, where you’ll find the button, ‘Upload file’, click on that and you are done!