1 རྩ་འགྲེལ་མཉམ་སྦྱར་གྱི་ཆེད་དུ་རིག་ནུས་ཀྱི་བརྡ་སྟོན་(prompt)ཐོན་རིམ་དང་པོ།
-
བརྡ་སྟོན་གྱི་དམིགས་ཡུལ།
གཞུང་གི་རྩ་བ་དང་དེའི་འགྲེལ་བ་གཉིས་མཉམ་སྦྱར་བཟོ་བྱེད་ཀྱི་རིག་ནུས་བརྡ་སྟོན་ཞིག་ཡིན། -
བརྡ་སྟོན་གྱི་བྱེད་ནུས་དང་ཁྱབ་ཚད།
རྩ་འགྲེལ་མཉམ་སྦྱར་བཟོ་བྱེད་ཀྱི་རིག་ནུས་བརྡ་སྟོན་འདིས་རྩ་བ་དང་དེའི་འགྲེལ་པ་བཞི་Claude ai ནམ་ཡང་ན་geminiནང་ཡར་འཇུག་བྱས་ན། རྩ་བའི་ཤོ་ལོ་ཀ་རེ་རེ་བཞིན་གོ་རིམ་བཟོས་ནས་ཟུར་འདོན་བྱས་ཏེ་དེ་དག་ལ་འགྲེལ་བཤད་བྱས་པ་རྣམས་འགྲེལ་བ་ཁག་རེ་རེ་ནས་མ་ནོར་བར་ཟུར་འདོན་བྱེད་ཐུབ། (མདོ་སྡུད་པ་མ་ཡིན་པའི་གཞུང་གཞན་གང་ཞིག་ཡིན་ཡང་གཅིག་མཚུངས་ཀྱི་བྱེད་ནུས་ལྡན།) -
བརྡ་སྟོན་གྱི་ཞན་ཆ་གང་ཡོད། སྐབས་རེ་འགྲེལ་བཤད་གང་ཡོད་ཟུར་འདོན་མ་བྱས་པར་སྙིང་བསྡུས་ཐོག་ནས་ཟུར་འདོན་བྱེད་ཀྱི་འདུག
-
བརྡ་སྟོན་དང་པོ།
གོང་གི་དཔྱད་གཞི་ལྔ་ལས་འཕགས་པ་སྡུད་པ་ནི་གཞུང་གི་རྩ་བ་ཡིན་ཞིང་གཞན་རྣམས་དེའི་འགྲེལ་པ་རེད། ངའི་ལས་ཀའི་ངོ་བོ་ནི་རྩ་བ་དེའི་འགྲེལ་པ་སོ་སོའི་འགྲེལ་ཚུལ་རྣམས་ཟུར་འདོན་བྱེད་རྒྱུ་དེ་ཡིན་ལ། ད་ཐེངས་དཔེ་མཚོན་གྱི་ཚུལ་དུ་རྩ་ཚིག་ཤོ་ལོ་ཀ་གཅིག་དང་། དེའི་འགྲེལ་བ་རྣམས་གོང་དེར་བཞག་ཡོད། དེར་བརྟེན་ཁྱོད་ཀྱིས་གཤམ་གྱི་དོན་ཚན་ལྟར་རོགས་པ་གནང་རོགས།
• རྩ་ཚིག་དེའི་འགྲེལ་པ་བཞི་ཡི་འགྲེལ་ཚུལ་རྣམས་མ་ལུས་པར་ཟུར་འདོན་གནང་རོགས།
• གནད་ཚིག་ཟུར་འདོན་གཏན་ནས་མི་དགོས། འདི་ལ་ངེས་པར་དུ་དོ་སྣང་གནང་རོགས།
• སྡེ་ཚན་མང་པོ་གཏན་ནས་བཟོ་མི་དགོས། སྡེ་ཚན་མང་པོ་བཟོས་ན་ཕན་མེད་དུ་འགྱུར་རྒྱུ་རེད།
• དཔྱད་ཁུངས་ཁ་གསལ་འགོད་རོགས།
• དཔྱད་གཞི་དང་མ་འབྲེལ་པའི་ཚིག་གཅིག་གསར་སྣོན་མི་དགོས།
2 རྩ་འགྲེལ་མཉམ་སྦྱར་གྱི་ཆེད་དུ་རིག་ནུས་ཀྱི་བརྡ་སྟོན་(prompt)ཐོན་རིམ་གཉིས་པ།
-
བརྡ་སྟོན་གྱི་དམིགས་ཡུལ།
གཞུང་གི་རྩ་བ་དང་དེའི་འགྲེལ་བ་གཉིས་མཉམ་སྦྱར་བཟོ་བྱེད་ཀྱི་རིག་ནུས་བརྡ་སྟོན་ཞིག་ཡིན། -
བརྡ་དོན་གྱི་བྱེད་ནུས་དང་ཁྱབ་ཚད།
བརྡ་སྟོན་འདིས་རྩ་ཚིག་ཤོ་ལོ་ཀ་རེ་རེ་ཨང་གྲངས་སྦྱར་ནས་ཟུར་འདོན་བྱས་ཏེ། དེའི་འགྲེལ་བཤད་རྣམས་མ་ནོར་བར་རྩ་ཚིག་ཁག་སོ་སོ་དང་སྦྱར་ནས་ཟུར་འདོན་བྱེད་ཐུབ་ལ།Claude ai ནམ་ཡང་ན་geminiགང་གི་ནང་དུ་ཡར་འཇུག་བྱས་ན་འགྲིག (མདོ་སྡུད་པ་མ་ཡིན་པའི་གཞུང་གཞན་གང་ཞིག་ཡིན་ཡང་གཅིག་མཚུངས་ཀྱི་བྱེད་ནུས་ལྡན།) -
བརྡ་སྟོན་གྱི་ཞན་ཆ་གང་ཡོད། འགྲེལ་བ་སོ་སོ་ནས་འགྲེལ་བཤད་གང་ཡོད་རྩ་བ་དང་སྦྱར་ཚར་རྗེས།རིག་ནུས་སོ་སོ་ནས་ནང་དོན་སྙིང་བསྡུས་རེ་བཟོ་ཡི་འདུག ཡིན་ན་ཡང་།རྟག་པར་དེ་ལྟར་མི་འདུག
བརྡ་སྟོན་གཉིས་པ།
མདོ་སྡུད་པའི་རྩ་འགྲེལ་མཉམ་སྦྱར་བྱས་ནས་ཟུར་འདོན་བྱེད་ཐབས་སྐོར།
**༡. ཤོ་ལོ་ཀ་ངོས་འཛིན་ལས་ཀ།**
• རྩ་གཞུང་འཕགས་པ་སྡུད་པ་ནས་ཤོ་ལོ་ཀ་རེ་རེ་ངོས་འཛིན་བྱེད།
• ཤོ་ལོ་ཀ་རེ་རེར་གྲངས་ཀ་སྦྱར། (དཔེར་ན་ཤོ་ལོ་ཀ་༡། ༢། ༣...)
**༢. འགྲེལ་གཞུང་རེ་རེ་ནས་ཉེ་འདུ།**
• འགྲེལ་གཞུང་གཅིག་གཅིག་ནས་ཤོ་ལོ་ཀ་སོ་སོའི་འགྲེལ་བཤད་འཚོལ་རྒྱུ།
• འགྲེལ་གཞུང་ནང་ངོས་འཛིན་ཚིག་ཞིག་ལས་ཤོ་ལོ་ཀ་ངོས་འཛིན་བྱེད།
• ཤོ་ལོ་ཀ་མགོར་བཀོད་ནས་འགྲེལ་བཤད་གཏུབ།
**༣. འདུ་སྒྲིག་ལས་ཀ།**
• ཤོ་ལོ་ཀ་རེ་རེའི་ཆེད་དུ་སྟེང་འོག་གི་འདུ་སྒྲིག་བྱེད།
• ཤོ་ལོ་ཀ་གོང་དུ་བཀོད།
• འགྲེལ་གཞུང་བཞི་པོའི་འགྲེལ་བཤད་འོག་ཏུ་གོ་རིམ་གྱིས་བཀོད།
འདི་འདྲ་བྱེད་ཐབས།
• ལག་ལེན་ཐོག་ཡིག་ཆ་རེ་རེ་ཕྱེས་ནས་ཤོ་ལོ་ཀ་འཚོལ།
• ཤོ་ལོ་ཀ་རྙེད་རྗེས་འགྲེལ་གཞུང་ནས་དེའི་འགྲེལ་བཤད་འཚོལ།
• ཆ་ཚང་རྙེད་རྗེས་ཡིག་ཆ་གསར་པ་ཞིག་ནང་སྒྲིག་རྒྱུ།
ངས་མཁོ་སྤྲོད་བྱས་པའི་ཡིག་ཆ་གཞིར་བཟུ་རོགས་གནང་རོགས།
3 རྩ་འགྲེལ་མཉམ་སྦྱར་གྱི་ཆེད་དུ་རིག་ནུས་ཀྱི་བརྡ་སྟོན་(prompt)ཐོན་རིམ་གསུམ་པ།
-
བརྡ་སྟོན་གྱི་དམིགས་ཡུལ།
གཞུང་གི་རྩ་བ་དང་དེའི་འགྲེལ་བ་གཉིས་མཉམ་སྦྱར་བཟོ་བྱེད་ཀྱི་རིག་ནུས་བརྡ་སྟོན་ཞིག་ཡིན། -
བརྡ་སྟོན་གྱི་བྱེད་ནུས་དང་ཁྱབ་ཚད།
བརྡ་དོན་འདི་གོང་རྣམས་ཀྱི་བརྡ་དོན་གྱི་ནུས་པ་དང་ཕལ་ཆེར་འདྲ་མོད། འདིས་རྩ་བ་རེ་རེའི་འགྲེལ་བཤད་ཚིག་གཅིག་མ་ལུས་པར་ཟུར་འདོན་བྱེད་ཐུབ་པའི་ནུས་པ་ཡོད་ལ། གཙོ་བོར་རིག་ནུས་ལ་ཆ་རྐྱེན་སྤྲད་ནས་རིག་ནུས་རང་གིས་བཟོས་པའི་བརྡ་སྟོན་ཞིག་ཡིན། བརྡ་སྟོན་འདི་ཡི་བྱེད་ནུས་གོང་གི་བརྡ་དོན་གཉིས་ལས་ཅུང་བཟང་བར་མཐོང་། (མདོ་སྡུད་པ་མ་ཡིན་པའི་གཞུང་གཞན་གང་ཞིག་ཡིན་ཡང་གཅིག་མཚུངས་ཀྱི་བྱེད་ནུས་ལྡན།)
བརྡ་སྟོན་གསུམ་པ།
**ལས་དོན།**
ཁྱེད་ལ་འཕགས་པ་སྡུད་པའི་རྩ་གཞུང་གཅིག་དང་དེའི་འགྲེལ་གཞུང་བཞི་བཅས་ཁྱོན་ཡིག་ཆ་ལྔ་ཡོད། ཁྱེད་ཀྱིས་རྩ་གཞུང་གི་ཤོ་ལོ་ཀ་རེ་རེ་ལ་དེའི་འགྲེལ་གཞུང་བཞི་པོ་ནས་འགྲེལ་བཤད་གང་ཡོད་པ་ཚང་མ་ཤེས་དགོས་ཤིང་གོ་སྒྲིག་ཐུབ་དགོས།
**ཡིག་ཆ་རྣམས་ཀྱི་མིང་།**
**རྩ་གཞུང་** **:** འཕགས་པ་སྡུད་པ།
**འགྲེལ་གཞུང་རྣམས** **:**
1. སྡུད་པའི་འགྲེལ་པ་རྒྱལ་བའི་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད།
2. སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོའི་སྡེ།
3. སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ་བཞུགས་སོ།།
4. བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ།
**བྱ་བའི་ལམ་ཁྲིད།**
**གནད་འགག་ཅན་གྱི་ལས་རིམ།**
1. རྩ་གཞུང་འཕགས་པ་སྡུད་པ་ནས་ཤོ་ལོ་ཀ་རེ་རེ་ངོས་འཛིན་བྱེད་པ།
2. ཤོ་ལོ་ཀ་རེ་རེར་གྲངས་ཀ་སྦྱར། (དཔེར་ན་ཤོ་ལོ་ཀ་༡། ༢། ༣...)
3. འགྲེལ་གཞུང་བཞི་པོ་ནས་དེ་དང་འབྲེལ་བའི་འགྲེལ་བཤད་གང་ཡོད་པ་འཚོལ་བ།
**གལ་ཆེའི་དགོས་པ།**
* འགྲེལ་བཤད་རིང་ཐུང་ཇི་ལྟ་བུ་ཡིན་ཡང་ཚང་མ་འགོད་དགོས།
* ཚིག་ཅིག་ཀྱང་ལུས་ཐབས་མེད།
* འགྲེལ་གཞུང་གང་ནས་བྱུང་བ་གསལ་པོར་འབྲི་དགོས།
**བཀོད་སྒྲིག་གི་རྣམ་གཞག**
**རེ་རེའི་ཤོ་ལོ་ཀ་བཀོད་ཐབས།**
### ཤོ་ལོ་ཀ་༡: [རྩ་ཚིག་གི་ཤོ་ལོ་ཀ་དང་པོ།]
**རྩ་ཚིག:** [འདིར་རྩ་གཞུང་ལས་ཤོ་ལོ་ཀ་དང་པོ་འགོད]
**འགྲེལ་བཤད་རྣམས:**
**[འགྲེལ་གཞུང་གི་མིང་ཐུང་བ།]ལས:**
[འདིར་དེ་དང་འབྲེལ་བའི་འགྲེལ་བཤད་ཚང་མ་འགོད]
[མུ་མཐུད་དེ་འགྲེལ་གཞུང་བཞི་ཚང་མར་འགྲེལ་བཤད་འདེམས་འདེད་བྱེད།]
---
### ཤོ་ལོ་ཀ་༢: [རྩ་ཚིག་གི་ཤོ་ལོ་ཀ་གཉིས་པ།]
**རྩ་ཚིག:** [འདིར་རྩ་གཞུང་ལས་ཤོ་ལོ་ཀ་གཉིས་པ་འགོད]
[དེ་བཞིན་མུ་མཐུད།]
**དམིགས་བསལ་གྱི་བསམ་འཆར།**
* གལ་ཏེ་ཤོ་ལོ་ཀ་གཅིག་ལ་འགྲེལ་གཞུང་རེ་རེ་ནས་འགྲེལ་བཤད་མེད་ན་ "འགྲེལ་བཤད་མེད།" ཅེས་འགོད།
* འགྲེལ་བཤད་རིང་པོ་ཡིན་ན་ཚད་གཏུབ་མི་དགོས། མ་ལུས་པར་འགོད།
* འགྲེལ་གཞུང་གི་མིང་རང་འཇགས་སུ་བེད་སྤྱོད་གནང་ནས་ཀློག་སླ་བར་བྱེད་དགོས།
**བེད་སྤྱོད་ཐབས** **:** འདི་ལྟར་ཞུ་བ། "ཁྱེད་ཀྱིས་རྩ་གཞུང་གི་ཤོ་ལོ་ཀ་དང་པོ་ནས་བཟུང་གོ་རིམ་ལྟར་གྲངས་ཀ་སྦྱར་ཏེ་མ་རྫོགས་བར་འདིའི་སྟེང་གི་བཀོད་སྒྲིག་ལྟར་འགོད་རོགས།"