gade
1
ཝེ་ཁེ་རྩོམ་འབྲིའི་བརྡ་སྟོན་རེའུ་མིག
- ཡེ་ཤེས་བསམ་འགྲུབ།
ནང་དོན།
1. ཐ་སྙད་ [ ] གྱི་ནང་དོན་ལུང་ཁུངས་སོ་སོར་གསལ་བ་ཟུར་འདོན་བྱེད་དགོས།
2. ཐ་སྙད་ [ ] གྱི་ནང་དོན་གོ་དཀའ་བ་ལ་འགྲེལ་བཤད་ཁ་གསལ་གནད་བསྡུས་དགོས།
3. ནང་དོན་ལ་ས་བཅད་ག་ཚོད་བཟོ་དགོས་མིན་གཟིགས་དགོས།
སྒྲ་བཤད།
1. ཐ་སྙད་ [ ] ལྟ་བའི་སྒྲ་ལ་བཤད་པ་ཟུར་རེ་རེ་ནས་བརྒྱག་དགོས།
2. སྒྲ་བཤད་ཀྱང་ཡིག་ཆའི་ཁུངས་གང་ནས་ཇི་ལྟར་གསལ་བ་ལྟར་འབྲི་དགོས།
3. ཐ་སྙད་[] ཆ་ཤས་རེ་རེ་ནས་རྟགས་ ‘‘‘’’’ འདིའི་ནང་འཇོག་དགོས།
4. ས་བཅད་རེ་རེ་ལ་ཤད་ངེས་པར་དུ་འབྲི་དགོས།
ཀློག་ཚུལ།
1. ཐ་སྙད་ [ ] ལྟ་བུ་ཀློག་ཚུལ་གྱི་སྐོར་དཔྱད་གཞིའི་ཡིག་ཆའི་ནང་གང་གསལ་བ་རྣམས་ཟུར་འདོན་བྱེ་དགོས།
སྒྲོམ་གཞི།
2. རྩ་བའི་ས་བཅད་ཚང་མར་རྟགས་== འདིའི་ནང་འབྲི་དགོས།
3. ནང་གསེས་ས་བཅད་ཡིན་རུང་རྟགས་==འདིའི་ནང་འབྲི་དགོས།
4. ས་བཅད་དབྱེ་ལུགས་གཞུང་གི་ནང་དོན་དང་ངེས་པར་དུ་འཚམ་པ་དགོས།
ལུང་འདྲེན།
1. ལུང་འདྲེན་བྱས་པའི་མ་ཡིག་གི་ཚིག་ཚང་མར་རྟགས་ “འདི་འབྲི་དགོས།
2. ལུང་རྟགས་དང་པོ་དང་གཉིས་པ་སོགས་ལ་རིམ་པ་བཞིན་ལུང་རྟགས་(Code)ལུགས་མཐུན་འབྲི་དགོས།
3. ལུང་དེའི་རྩོམ་པ་པོ་དང་། བརྩམས་ཆོས། ཤོག་གྲངས་སོག་རྩོམ་ཡིག་གི་གཤམ་ལ་འབྲི་དགོས།
4. འདི་ཡིག་ཆའི་གཤམ་ལ་ཡོད་དགོས་པ་ལས་རྩོམ་ཡིག་ནང་མི་དགོས། <ref>སི་ཏུ་ཆོས་ཀྱི་འབྱུང་གནས། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཡིག་བརྒྱའི་འགྲེལ་བ།</ref>
མཐའ་བསྡོམས།
1. མདོར་ན་ལུང་རྟགས་སོགས་རྟགས་Code རྒྱག་སྟངས་ཝེ་ཁེ་རིག་མཛོ་དང་མཐུན་དགོས།
2. རྩོམ་ཡིག་ཁུངས་བཙན་པ་དང་གོ་བདེ་བའི་ཆ་རྐྱེན་ངེས་པར་དུ་དགོས།
3. མདོར་ན་ཐ་སྙད་[ ]འདི་ཝེ་ཁེ་རིག་མཛོད་ནང་ཡང་བསྐྱར་ཞིབ་འཇུག་མི་དགོས་པར་འཇོག་ཆོག་ཆོག་བཟོ་དགོས།
- རབ་བརྟན།