ཝེ་ཁེ་ལམ་སྟོན་ཡིག་ཆ། ལུང་འདྲེན།
(ཝེ་ཁེ་རིག་མཛོད་ནས་ལུང་འདྲེན་ཐོག་ཝེ་ཁེ་བོད་སྐད་ལས་འཆར་དང་འབྲེལ་བའི་གནད་དོན་ཟུར་འདོན་བྱས་པ།)
ཝེ་ཁེ་རིག་མཛོད། ལུང་འདྲེན་གྱི་འབྱུང་ཁུངས་སྟོན་པ། (Citing Sources)
བརྗོད་གཞི།
ལུང་འདྲེན་ཞེས་པ་གང་ཡིན།
ལུང་འདྲེན་གྱི་རིགས།
ག་དུས་དང་། གང་གི་ཕྱིར་ལུང་འདྲེན་གྱི་འབྱུང་ཁུངས་སྟོན་དགོས།
གནས་དོན་གང་འགོད་དགོས།
ཁུངས་ལུངས་མེད་པའི་དཔྱད་རྩོམ།
ལུང་འདྲེན་ཞེས་པ་གང་ཡིན།
ལུང་འདྲེན་ཞེས་པ་དེས་བརྗོད་པ་ཞིག་གི་གནས་ཚུལ་དང་ཡོངས་ཁུངས་གང་ཡིན་ཁ་གསལ་ངོས་འཛིན་བྱེད་པ་རེད། དཔེར་ན།
Ritter, R. (2003). The Oxford Style Manual. Oxford University Press. p. 1. ISBN 978-0-19-860564-5.
(རྩོམ་པ་པོ། པར་སྐྲུན་གྱི་ལོ། མཚན་བྱང་། པར་སྐྲུན་ཁང་། ཤོག་ངོས། རྒྱལ་སྤྱིའི་རྩ་འཛིན་དཔེ་དེབ་ཨངས་རྟགས།)
## ལུང་འདྲེན་གྱི་རིགས་གསུམ།
ཡིག་ཆའི་ནང་གི་ལུང་འདྲེན། (Inline Citation) ཞེས་པ་ནི་བརྗོད་བྱའམ་ལུང་ཞིག་གི་ཉེ་འགྲམ་དུ་ལུང་འདྲེན་གནས་ཚུལ་གསར་སྣོན་བྱེད་པ་སྟེ། ཞབས་མཆན་ (Footnote)ཀྱི་རྣམ་པར་སྦྱོར་བ་ཡིན། ཞབས་མཆན་ནང་དུ་རྩོམ་པ་པོ་དང་རྩོམ་གཞུང་། པར་སྐྲུན་གྱི་ལོ་སོགས་གནས་ཚུལ་ཇི་ཡོད་བཀོད་ཡོད། ང་ཚོས་ཝེ་ཁེ་ཤོག་ངོས་ནང་བེད་སྤྱོད་བྱེད་བཞིན་པའི་ལུང་འདྲེན་ནི་འདིའི་ཁོངས་སུ་གཏོགས་པ་ཡིན།
ཡིག་ཆའི་ནང་གི་རྟགས་འཇོག (In-text attribution)ཞེས་པ་ནི་ལུང་འདྲེན་གོང་དང་འདྲ་ཡང་ཁུངས་ཀྱི་གནས་ཚུལ་རྒྱས་པར་མི་འབྲི་བ་ཡིན།
སྤྱིར་བཏང་གི་དཔྱད་གཞི། (A general reference)ཞེས་པ་ནི་བརྗོད་གཞིའི་རྒྱབ་སྐྱོར་བྱེད་མཁན་གྱི་ལུང་འདྲེན་ཞིག་ཡིན་ཡང་། ཡིག་ཆའི་ནང་གི་ལུང་བྱེ་བྲག་པ་མ་ཡིན་པར། དཔྱད་གཞིའི་ཡིག་ཆ་གང་ཡིན་དེའི་མིང་ཞབས་མཆན་ནང་གསལ་སྟོན་བྱེད་པ་ཙམ་ཡིན།
ལུང་འདྲེན་གང་རུང་ཞིག་ལ་དྲ་ཐག་ཀྱང་མཐུད་ཆོག་པ་ཡིན། དྲ་ཐག་དེ་བརྒྱུད་ལུང་འདྲེན་དེའི་འབྱུང་ཁུངས་ཀྱི་གནས་ཚུལ་རྒྱས་པ་བལྟ་ཐུབ།
## ག་དུས་དང་། གང་གི་ཕྱིར་ལུང་འདྲེན་གྱི་འབྱུང་ཁུངས་སྟོན་དགོས།
ལུང་འདྲེན་ཞིག་གི་འབྱུང་ཁུངས་ཁ་གསལ་སྟོན་པ་ཡིན་ན། རྒྱ་ཆེའི་ཀློག་པ་པོར་ཝེ་ཁེ་རིག་མཛོད་ཀྱི་བརྗོད་གཞིའི་ཡོང་ཁུངས་ར་སྤྲོད་བྱེད་པ་དང་། ལུང་དེ་ལ་ཡིད་ཆེས་རུང་བའི་ཁུངས་ཀྱིས་རྒྱབ་སྐྱོར་བྱེད་པ་ཞིབ་བཤེར་བྱེད་ཐུབ་པར་བྱེད། དེས་ཝེ་ཁེ་རིག་མཛོད་ལ་ཡིད་ཆེས་ཀྱི་ཚད་མཐོ་རུ་གཏོང་བ་དང་། བརྗོད་གཞི་དེ་དག་རྩོམ་པ་པོ་རང་ངོས་ཀྱི་བརྗོད་པ་དང་བསམ་ཚུལ་མིན་པ་མངོན་ཐུབ་ལ། ཀློག་པ་པོའི་ཉམས་ཞིབ་ཀྱི་ལས་རིམ་ལ་ཕན་ཐོགས་བྱེད་པ་རེད།
ང་ཚོས་ངེས་པར་དུ་ལུང་འདྲེན་གྱི་ནང་གི་གནས་ཚུལ་དང་དེའི་ཁུངས་ཁ་གསལ་འགོད་མ་ཐུབ་ན་ང་ཚོའི་དཔྱད་རྩོམ་མམ་ཝེ་ཁེ་ཤོག་ངོས་དེ་ལ་གཞན་གྱི་རྒོལ་བའམ་རྩོད་པ་ཡོང་ངེས་རེད། རྩོད་པ་ཅན་གྱི་རྩོམ་ཡིག་ཞིག་ལ་ཡིད་ཆེས་ལྡན་པའི་ཁུངས་མ་རྙེད་ན་ཡིག་ཆ་དེ་ཝེ་ཁེ་རིག་མཛོད་ནས་འདོར་བའམ་ཕྱིར་འཐེན་བྱེད་ཉན་ཡོད་པ་རེད། ང་ཚོས་ལུང་འདྲེན་ག་དུས་བྱེད་པའི་ཚེ་དེའི་ཁུངས་གང་ཡིན་པ་ངེས་པར་དུ་ཁ་གསལ་དགོས་པ་རེད།
སྤྱིར་ཝེ་ཁེ་རིག་མཛོད་དེ་ཉིད་ཀྱི་ནང་གི་ཡིག་ཆ་(Wikilinks)དེ་དག་ནི་བརྗོད་གཞི་ཞིག་གི་ཡིད་ཆེས་རུང་བའི་ཁུངས་དག་པོ་ཞིག་ཏུ་རྩི་བ་མིན། གལ་ཏེ་ང་ཚོས་ཝེ་ཁེ་རིག་མཛོད་ཀྱི་ཤོག་ངོས་ཞིག་ནས་ལུང་འདྲེན་བྱ་དགོས་ཚེ་དེའི་ཁུངས་ཚད་ལྡན་ཡིན་མིན་ཞིབ་བཤེར་བྱ་དགོས་པ་དང་། སོ་སོའི་ཡིག་ཆའི་ནང་འབྱུང་ཁུངས་ཀྱི་གནས་ཚུལ་ཁ་གསལ་འགོད་དགོས། སྤྱིར་ཡོང་ཁུངས་ཁ་གསལ་མེད་པའི་ཡིག་ཆ་གང་ཡང་རུང་བ་ལུང་འདྲེན་བྱེད་པར་དོགས་ཟོན་བྱེད་དགོས།
སྤྱིར་ཝེ་ཁེ་རྩོམ་ཡིག་གི་མགོ་སྟོད་ལ་ལུང་འདྲེན་འཇོག་སྲོལ་མེད་པ་རེད། ཐོག་མའི་སྡེ་ཚན་ནང་རྩོམ་ཡིག་ཅིག་གི་ངོ་སྤྲོད་དང་གལ་ཆེའི་དོན་ཚན་བསྡུས་པའི་གནས་ཚུལ་བཅས་དཀར་ཆག་གི་སྔོན་དུ་འགོད་པ་རེད།
ལུང་འདྲེན་ནི་དེ་ཉིད་ཀྱི་རྒྱབ་སྐྱོར་བྱེད་སའི་བརྗོད་ཚིག་གི་ཉེ་འདབས་སུ་འཇོག་དགོས་ལ། དེས་བརྗོད་བྱ་དེའི་ཁུངས་བཙན་པོ་ཡིན་པའི་ར་སྤྱོད་བྱེད་པ་རེད།
### ལུང་འདྲེན་བསྐྱར་ཟློས།
ལུང་འདྲེན་བསྐྱར་ཟློས་ཡོད་ཚེ་རིག་ནུས་ཀྱིས་རང་ངོས་ནས་ངོས་འཛིན་བྱེད་པ་རེད།
སྤྱིར་ལུང་འདྲེན་གྱི་འབྱུང་ཁུངས་ཀྱི་དཔྱད་གཞི་རྣམས་བརྡ་ཡིག་ལུང་།<ref>ལུང་འདྲེན་གྱི་འབྱུང་ཁུངས་ཀྱི་གནས་ཚུལ།</ref>འདི་ལྟར་འཇོག་པ་རེད། ལུང་འདྲེན་གྱི་དཔྱད་གཞི་ཞིག་ལན་མང་བསྐྱར་ཟློས་བྱ་དགོས་ཚེ། ང་ཚོས་མིང་ཅན་གྱི་ལུང་འདྲེན་(named reference)ཞེས་པའི་བརྡ་ཡིག་དེ་བེད་སྤྱོད་བྱེད་ཆོག དེའི་ཆེད་ལུང་འདྲེན་དེ་ལ་ངོས་འཛིན་གྱི་མིང་ཞིག་འདེམས་རྗེས་ལུང་འདྲེན་ངོས་འཛིན་བྱེད་པར་
<ref name="མིང་">ལུང་འདྲེན་གྱི་འབྱུང་ཁུངས་ཀྱི་གནས་ཚུལ།</ref> འདི་ལྟར་འབྲི་དགོས། དེ་རྗེས་མིང་ཅན་གྱི་ལུང་འདྲེན་དེ་ཉིད་བསྐྱར་དུ་བེད་སྤྱོད་བྱ་དགོས་ཚེ། <ref name="མིང་" /> འདི་ལྟར་འབྲི་བ་ཡིན། དེས་ལུང་འདྲེན་གྱི་འབྱུང་ཁུངས་ཀྱི་གནས་ཚུལ་རྣམས་གོང་དུ་གང་བཀོད་ཟིན་པ་དེ་རང་ངོས་ནས་བཤུ་བ་རེད། སྐབས་འདིར་དེ་སྔོན་བཞིན་</ref> བརྡ་ཡིག་དེ་འབྲི་མི་དགོས་པ་ཡིན།
གོང་གི་མིང་ཞེས་པའི་གནས་དེར་རང་མོས་ནས་ཡི་གེ་གང་དགོས་འབྲི་ཆོག འོན་ཀྱང་ཨང་གྲངས་རྐྱང་པ་འབྲི་ན་མི་འགྲིག གལ་སྲིད་མིང་གི་ཡི་གེ་དེའི་ནང་དུ་བར་སྟོང་བེད་སྤྱོད་ན། གུག་རྟགས་ནང་འདི་ལྟར་འཇོག་དགོས། <ref name="Smith 2005 p94">ལུང་འདྲེན་གྱི་འབྱུང་ཁུངས་ཀྱི་གནས་ཚུལ།</ref> མིང་དེ་གུག་རྟགས་ནང་འཇོག་པ་ནི་མ་འོངས་པའི་རྩོམ་སྒྲིག་པ་ལ་ཕན་ཐོགས་ཡོད། མིང་གི་ཡི་གེ་དེ་ལུང་འདྲེན་དང་འབྲེལ་བ་ཡོད་པ་གལ་ཆེ། དཔེར་ན་ "སི་ཏུ། ༡༤༩༨"
## གནས་ཚུལ་གང་འགོད་དགོས་པ།
## དཔེ་དེབ་ཀྱི་ལུང་འདྲེན་ལ་ཡོད་དགོས་པ།
* རྩོམ་པ་པོ་གཅིག་གམ་དེ་ལས་མང་བའི་མིང་།
* དཔེ་དེབ་ཀྱི་མཚན་བྱང་།
* གལ་སྲིད་པོད་གྲངས་ཡོད་ཚེ་པོད་གྲངས།
* པར་སྐྲུན་ཁང་གི་མིང་།
* པར་འདེབས་ཡུལ།
* པར་སྐྲུན་གྱི་ཚེས་གྲངས།
* ལུང་འདྲེན་བྱས་པའི་ལེའུ་འམ་ཤོག་ཨངས།
* པར་གཞི་ཐོག་མ་མིན་ཚེ་པར་ཐེངས་ག་ཚོད་ཡིན་པ།
* ISBN (ཡོད་ཚེ།)
### རྩོམ་སྒྲིག་བྱས་པའི་དཔེ་དེབ་ཁ་ཤས་ལ་རྩོམ་པ་པོ་སོ་སོ་ཡིས་བྲིས་པའི་ལེའུ་ཡོད། དེ་འདྲའི་ལེའུའི་ལུང་འདྲེན་བྱེད་སྐབས།
* རྩོམ་པ་པོ་གཅིག་གམ་དེ་ལས་མང་བའི་མིང་།
* ལེའུ་ཡི་མཚན་བྱང་།
* རྩོམ་སྒྲིག་པའི་མིང་། ལ་སོགས་གཞན་གོང་བཞིན་བྱ་དགོས།
## དྲ་ཚིགས་ཤོག་ངོས་ཀྱི་ལུང་འདྲེན།
* ལུང་འདྲེན་དང་འབྲེལ་བའི་དྲ་ཚིགས་ཀྱི་དྲ་ཐག་ཁ་བྱང་།
* རྩོམ་པ་པོ་(ཚོ་)ཡི་མིང་།
* རྩོམ་ཡིག་གི་མཚན་བྱང་།
* དྲ་ཚིགས་ཀྱི་མཚན་བྱང་ཨ་མའི་མིང་།
* པར་སྐྲུན་ཁང་།
* པར་སྐྲུན་གྱི་ཚེས་གྲངས།
* ཤོག་གྲངས།
* ཁྱེད་ཀྱིས་དྲ་ཤོག་དེར་གཟིགས་པའི་ཚེས་གྲངས། (པར་སྐྲུན་ཚེས་གྲངས་མི་ཤེས་ན་འདི་དགོས།)
## དཔེ་དེབ་དང་པར་སྐྲུན་བྱས་པའི་རྩོམ་ཡིག
དཔེ་དེབ་ཅིག་ནས་ལུང་འདྲེན་བྱེད་སྐབས་དེའི་ཤོག་གྲངས་གཅིག་ཡང་ན་ཤོག་གྲངས་གང་ནས་གང་གི་བར་ཡིན་པ་ཁ་གསལ་འབྲི་ན་ཕན་ཐོགས་ཡོད། དེ་བཞིན་པར་གཞིའམ་པར་ཐེངས་ག་ཚོད་དེ་ཡིན་པའམ་པར་སྐྲུན་གྱི་ལོ་དེའང་འབྲི་དགོས། གང་ཡིན་ཞེ་ན་པར་ཐེངས་མི་འདྲ་བར་སྡེ་ཚན་དབྱེ་སྟངས་དང་ཤོག་གྲངས་འགོད་སྟངས་ལ་སོགས་ལའང་འགྱུར་བ་འགྲོ་སྲིད་པ་རེད། ཡང་གལ་སྲིད་དཔེ་དེབ་བམ་རྩོམ་ཡིག་སྤྱི་ཡོངས་ལ་ལུང་འདྲེན་བྱེད་པ་ཡིན་ན་ཤོག་གྲངས་འབྲི་མི་དགོས་པ་རེད།
སྐབས་འགར་གློག་དེབ་ལྟ་བུ་ཤོག་གྲངས་དམིགས་བསལ་མེད་པའི་གནས་སྐབས་སུ། དཔྱད་རྩོམ་དེ་ཡི་འབྲེལ་ཡོད་ཆ་ཤས་ངོས་འཛིན་བྱེད་ཐབས་གཞན་སྤྱོད་ཆོག དཔེར་ན་ལེའུའི་གྲངས་དང་། ཚན་པའི་མཚན་བྱང་ལ་སོགས་འགོད་དགོས། གནའ་བོའི་འཁྲབ་ཁྲིད་ཀྱི་གཞུང་ཁ་ཤས་ལ། ཁྲིད་གཞུང་དེའི་ཚན་པ་དང་ལེའུ་ཡི་གྲངས་སོགས་ནས་ངོས་འཛིན་བྱེད་པ་རེད།
## དྲ་ཐག་དང་། རྒྱལ་སྤྱིའི་རྩ་འཛིན་དཔེ་དེབ་ཨངས་རྟགས། (ISBN)
ལུང་འདྲེན་ཞིག་ལ་རྒྱལ་སྤྱིའི་རྩ་འཛིན་དཔེ་དེབ་ཨངས་རྟགས་ཡོད་ན་དམིགས་བསལ་ཕན་ཐོགས་ཆེ། དེ་བཞིན་ལུང་འདྲེན་དེར་ཡོངས་ཁུངས་ཀྱི་དྲ་ཐག་ཡོད་ཚེ་དེའང་ཁ་སྣོན་བྱེད་ཆོག དེའི་སྐབས་གུག་རྟགས་ཀྱི་ནང་ཐོག་མར་དྲ་ཚིགས་ཀྱི་ཁ་བྱང་འགོད་དགོས་པ་དང་། དེ་ནས་བར་སྟོང་གཅིག་འཇོག་ནས་ལུང་འདྲེན་གྱི་མཚན་བྱང་འགོད་ནས་གུག་རྟགས་ཀྱི་ཁ་རྒྱག་དགོས། དེ་ལྟར་བྱས་ཚེ་དྲ་ཐག་དེ་མི་མདུན་དུ་མི་མངོན་པར་མཚན་བྱང་དེར་མནན་ཆོག་པར་འགྱུར། དཔེར་ན་:
<ref>[[www.wikisource.com](http://www.wikisource.com) སི་ཏུ། ཡིག་བརྒྱའི་འགྲེལ་པ། ༡༨༧༦]</ref>
## པར་སྐྲུན་ཐེངས་མང་བྱས་པའི་སྐབས།
དཔེ་དེབ་ཞིག་ལ་པར་གཞི་གཅིག་ལས་མང་བ་ཡོད་པའམ་པར་སྐྲུན་ཐེངས་གཉིས་ལྟ་བུ་བྱས་ཡོད་ཚེ་དེའི་གནས་ཚུལ་འོག་གི་དཔེ་མཚོན་ལྟར་འགོད་ཆོག དཔེར་ན།
བློ་བཟང་གྲགས་པ། (༡༨༨༡) ལམ་རིམ་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། བསྐྱར་སྐྲུན། བོད་ཀྱི་དཔེ་མཛོད་ཁང་།༢༠༢༥
## ལུང་འདྲེན་བྱེད་སྐབས་ཚད་ལྡན་གྱི་ལག་ལེན།
* ལུང་འདྲེན་གྱི་ནང་གྱི་གནས་ཚུལ་ནང་ཁ་སྣོན་བྱེད་དགོས་པའི་གནད་དོན་ཁག་ནི། དཔེར་ན་རྩོམ་པ་པོའི་མིང་། རྩོམ་གཞུང་གི་མཚན་བྱང་། པར་སྐྲུན་གྱི་ལོ། པར་སྐྲུན་ཁང་གི་མིང་། ཤོག་གྲངས་ལ་སོགས་པ་ཡོད་ཚེ་ཁུངས་ལྡན་ཡིན་པའི་ར་སྤྲོད་ལ་ཕན།
* ཝེ་ཁེ་ཤོག་ངོས་ཀྱི་དཔྱད་རྩོམ་བྱེ་བྲག་པ་ཞིག་གི་ནང་ལུང་འདྲེན་བྱེད་སྐབས་གནས་ཚུལ་འགོད་ལུགས་ཀྱི་རིམ་པ་གང་བྱུང་མིན་པར་འགྲོ་སྟངས་གཅིག་ལྟར་བྱེད་ཚེ་རྩོམ་སྒྲིག་པ་དང་ཀློག་པ་པོ་གཉིས་ཀར་སྤྱོད་བདེ་བ་ཡོང་།
## ཁུངས་ལུང་མེད་པའམ་མི་གསལ་བའི་དཔྱད་རྩོམ་གྱི་རིགས།
གལ་ཏེ་རྩོམ་ཡིག་ཞིག་ལ་ལུང་འདྲེན་གཅིག་ཀྱང་བྱས་མེད་ན་དེ་ཝེ་ཁེའི་ཆ་རྐྱེན་གང་རུང་ཞིག་གི་ཐོག་ནས་ཕྱིར་འཐེན་བྱེད་རྒྱུར་འཇོག་པ་ཡང་ན། ལུང་ཁུངས་འཚོལ་དགོས་པའི་བརྡ་ཡིག་གི་མཆན་འགོད་དགོས་པ་རེད།
* གལ་ཏེ་ཁྱེད་ཀྱི་དཔྱད་རྩོམ་དེར་སྐྱོན་ཡོད་པ་རྩོམ་སྒྲིག་པ་གཞན་གྱིས་ཤེས་རྟོག་བྱུང་ན་ཁོ་བོས་དཔྱད་རྩོམ་དེའི་མགོ་ལ་དེ་སུབ་པའི་དགོས་པའི་བརྡ་ཡིག་དང་དེའི་རྒྱུ་མཚན་བཅས་འགོད་པ་རེད། དེར་རང་ངོས་ནས་རྩོད་སྤོངས་ཀྱི་ལན་འདེབས་མེད་ཚེ་ཝེ་ཁེ་རིག་མཛོད་ནས་ཕྱིར་འཐེན་བྱེད་པ་རེད།
* དམིགས་བསལ་གྱི་གལ་སྲིད་ཁྱེད་ཀྱི་དཔྱད་རྩོམ་དེ་མི་གང་ཞིག་གི་སྐོར་རང་གི་བསམ་ཚུལ་གང་བྱུང་ངམ་མི་རུང་བ་ལྟ་བུ་འབྲི་བ་ཡིན་ན། {{subst:prod blp}} བརྡ་ཡིག་འདི་བེད་སྤྱད་ནས་ཕྱིར་འཐེན་གྱི་འདེམས་བསྐོ་བྱེད་ཆོག དེ་བཞིན་མགྱོགས་མྱུར་ཕྱིར་འཐེན་གྱི་རྟགས། {sdelete}དེ་ལྟར་བྱས་ན་ཤོག་ངོས་སྟོང་པར་འགྱུར་བ་རེད།
* གོང་གི་སྡེ་ཚན་གཉིས་མ་ཡིན་པའི་དཔྱད་རྩོམ་རིགས་ཡིན་ཚེ། རང་ཉིད་ཀྱིས་ལུང་འདྲེན་ཁུངས་ལྡན་འཚོལ་ནས་དེ་འགྲིག་པ་བཟོ་ཆོག ཡང་ན་རྩོམ་ཡིག་ལ་{{unreferenced}} བརྡ་ཡིག་འགོད་ཆོག་ལ། སུབ་པའི་འདེམས་བསྐོ་ཡང་བྱེད་སྲིད།
* གང་ལྟར་རང་ཉིད་ཀྱི་དཔྱད་རྩོམ་ནང་ལུང་འདྲེན་གྱི་འགྲོ་སྟངས་ཚུལ་དང་མཐུན་པ་མ་བྱེད་པའམ། པར་སྐྲུན་གྱི་བདག་དབང་སོགས་ཀྱི་སྐྱོན་ཆ་ཡོད་ཚེ་རྩོམ་ཡིག་དེ་ཝེ་ཁེ་རྩོམ་སྒྲིག་པའི་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པའམ་མེད་པར་གཏོང་བ་རེད།
Note: You may also visit the following link to get a copy of the above article for a better understanding.