༡ རྩོམ་པ་པོ་ཞིག་གི་བརྩམས་ཆོས་རིགས་འགའ་ཤས་ཏེ་བརྡ་སྤྲོད་དང་འབྲེལ་བའི་དཔྱད་རྩོམ་དང་སྙན་ངག ལོ་རྒྱུས་སྐོར་གྱི་རྩོམ་ཡིག རྒྱལ་རབས་སྐོར་གྱི་རྩོམ་ཡིག་རྣམས་དཔེ་དེབཅིག་ངོ་བོར་དཔར་ཡོད་ན་བརྗོད་གཞིའི་རིགས་དབྱེ་གང་གི་ཁོངས་སུ་འཇོག་དགོས་སམ། རྣམ་པའི་ཆ་ནས་གང་གི་ཁོངས་སུ་འཇོག་དགོས་སམ།
༢ རྩོམ་རིག་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་ཡིན་ན། བརྗོད་གཞི་གང་གི་ཁོངས་སུ་དགར་དགོས་སམ། དེ་ལ་འབོད་རྟགས་གང་འཇོག་དགོས་སམ།
༣ ནང་ཆོས་དང་འབྲེལ་བའི་དཔྱད་རྩོམ་རིགས་བརྗོད་གཞི་ནང་ཆོས་ཀྱི་ཁོངས་ཡིན་ནམ།
༤ ལོ་རྒྱུས་དང་འབྲེལ་བའི་ཞིབ་འཇུག་རྩོམ་ཡིག་རྣམས་ལོ་རྒྱུས་ཀྱི་ཁོངས་ཡིན་ནམ།
༥ རྩོམ་པ་པོ་ཞིག་གིས་བྲིས་པའི་བརྗོད་གཞི་འདྲ་མིན་གྱི་བརྩམས་ཆོས་རྣམས་འདུས་པའི་དཔེ་དེབ་གཅིག་ཡོད་ན། དེ་གསུང་འབུམ་གྱི་ཁོངས་སུ་བསྡུ་རུང་ངམ། གསུང་འབུམ་དང་གསུང་འབུམ་མ་ཡིན་པའི་ཁྱད་པར་གང་དག་ཡིན་ནམ།