ཝེ་ཁེ་རྩོམ་སྒྲིག་པའི་རྩ་འཛིན།

:bullseye: ཝེ་ཁེ་ཤོག་རྩོམ་སྒྲིག་པའི་དམིགས་ཡུལ།

  1. རྩོམ་སྒྲིག་པའི་ཀུན་སློང་། རང་ཉིད་ནི་འཐུས་སྒོ་ཚང་བའི་ཝེ་ཁེ་ཤོག་ངོས་གང་མང་བཟོ་མཁན་ཞིག་ལ་ངོས་འཛིན་མི་རུང་བར་རང་ཉིད་ནི་AI རིག་ནུས་ལ་ཝེ་ཁེ་ཤོག་ངོས་འཐུས་ཚང་བཟོ་བར་སློབ་སྟོན་བྱེད་མཁན་ནམ་སྦྱོང་བརྡར་སྤྲོད་ཐུབ་མཁན་ཞིག་ཡིན་པར་ལས་ཀའི་མགོ་གཞུག་ཀུན་ལ་ངེས་དགོས།

  2. བརྡ་སྟོན་ཡར་རྒྱས། རིག་ནུས་ཀྱིས་ཝེ་ཁེ་ཤོག་ངོས་ཡག་ཤོས་ཤིག་བཟོ་ཐུབ་པའི་ཆེད་དུ་ལས་ཀའི་དགོས་དམིགས་དང་མཐུན་པའི་བརྡ་སྟོན་འདྲ་མིན་བཀོལ་སྤྱོད་བྱས་ཏེ་ཞིབ་འཇུག་བྱེད་དགོས་པ་དང་། དུས་དང་དུས་སུ་བརྡ་སྟོན་ཡར་རྒྱས་གཏོང་ཐབས་འབད་དགོས་པ་ཡིན།

  3. བརྡ་སྟོན་ཟིན་ཐོ་བསྐྱར་ཞིབ། རྩ་འགྲེལ་མཉམ་སྦྱར་དང་། གནད་ཚིག་ཟུར་འདོན། རྩ་འགྲེལ་སྤྱིའི་ཤོག་ངོས་བཅས་བཟོ་པ་དང་མཉམ་དུ། བརྡ་སྟོན་ཡར་རྒྱས་ཕྱིན་པ་བཞིན་དུ་བརྡ་སྟོན་གསར་པ་དེ་གླེང་སྟེགས་སུ་གསར་སྣོན་ངེས་པར་དུ་བྱེད་དགོས།

:link: རྩ་འགྲེལ་མཉམ་སྦྱར་བྱེད་སྟངས།

  1. རྩ་གཞུང་གང་ཡང་རུང་བ་དང་དེའི་འགྲེལ་བ་གཉིས་མཉམ་སྦྱར་དགོས་པ།
  2. འགྲེལ་བའི་ནང་དུ་རྩ་བ་འགྲེལ་བརྗོད་ཀྱི་ནང་དོན་བཞིན་དབྱེ་དགོས་པ།
  3. རིག་ནུས་ཀྱི་ཐབས་ལམ་བརྟེན་ནས་རྩ་འགྲེལ་མཉམ་སྦྱར་བྱེད་དགོས་པ།
  4. རིག་ནུས་ཀྱིས་རྩ་འགྲེལ་གཙང་མ་སྦྱར་ཐབས་ལ་གཙིགས་སུ་འཛིན་དགོས་པ།

:key: གནད་ཚིག་ཟུར་འདོན།

  1. རྒྱུ་ཆ་དེ་རྩ་འགྲེལ་མཉམ་སྦྱར་ལས་འདེམས་དགོས་པ།
  2. རིག་ནུས་ཀྱི་བརྡ་སྟོན་ལ་བརྟེན་ནས་གནད་ཚིག་ཟུར་འདོན་བྱེད་དགོས་པ།
  3. ཟུར་འདོན་བྱས་པའི་གནད་ཚིག་དེ་རྩ་ཚིག་ནང་ལ་ངེས་པར་དུ་ཡོད་པ།
  4. འགྲེལ་བ་དག་ལས་ཚིག་འགྲེལ་མ་མཐར་ཚེག་ཁྱིམ་བཅུ་ལས་མང་དགོས།
  5. རིག་ནུས་ཀྱིས་གནད་ཚིག་ཟུར་འདོན་གཙང་མ་བྱེད་ཐབས་གཙིགས་སུ་འཛིན་དགོས་པ།

:memo: རྩ་འགྲེལ་སྤྱིའི་ཝེ་ཁེ་ཤོག་ངོས།

  1. ཝེ་ཁེ་གསོག་མཛོད་ནང་དུ་རྩ་འགྲེལ་གྱི་ཡིག་ཆ་བཞག་པ་གང་ཡོད་ཝེ་ཁེ་ཤོག་ངོས་གསར་བཟོ་དགོས་པ།
  2. སྔོན་ནས་བཞག་ཟིན་པ་ཡིན་ཚེ། བཟོ་བཅོས་དགོས་རིགས་བཟོ་བཅོས་བྱེད་དགོས་པ་ཡིན།
  3. རྩ་འགྲེལ་སྤྱིའི་འབྲེལ་ཡོད་གནས་ཚུལ་གང་ཐུབ་ཐུབ་རྒྱུ་ཆའི་ཁུངས་དང་སྦྲེལ་དགོས་པ་ཡིན།
  4. རིག་ནུས་ཀྱིས་རྩ་འགྲེལ་སྤྱིའི་ངོ་སྤྲོད་རྩོམ་ཡིག་འབྲི་ཐབས་གཙིགས་སུ་འཛིན་དགོས་པ་ཡིན།

:ab_button_blood_type: གནད་ཚིག་ངོ་སྤྲོད་རྩོམ་ཡིག

  1. ཟུར་འདོན་ཟིན་པའི་གནད་ཚིག་གང་ཡོད་རེ་རེ་ལ་ཝེ་ཁེ་ཤོག་ངོས་རེ་བཟོ་དགོས།
  2. རིག་ནུས་བཀོལ་སྤྱོད་བྱས་ཏེ་གནད་ཚིག་ངོ་སྤྲོད་རྩོམ་ཡིག་དེ་འབྲི་བཅུག་དགོས།
  3. རྩོམ་ཡིག་གང་བྲིས་པ་དེའི་ནང་དོན་ལ་ཁུངས་ངེས་པར་དུ་ཡོད་དགོས།
  4. རྩོམ་ཡིག་དེ་གོ་བདེ་པོ་ཞིག་ཡིན་དགོས། (གཞི་རིམ་སློབ་མས་གོ་བའི་གནས་ཚད་དང་མཉམ་པ་ཞིག་འབྲི་དགོས།)
  5. རིག་ནུས་ཀྱིས་གནད་ཚིག་ངོ་སྤྲོད་ཀྱི་རྩོམ་ཡིག་ཚད་ལྡན་ཞིག་འབྲི་ཐུབ་པར་གཙིགས་སུ་འཛིན་དགོས་པ་ཡིན།

:stopwatch: :date: ལས་ཀའི་དུས་བཀག

  1. བདུན་ཕྲག་གཉིས་རེའི་ནང་ཚུད་ལ་དུས་ཐུང་མགྱོགས་ཀྱི་ལས་ཀའི་འཆར་གཞི་རེ་བཟོ་དགོས། (ཝེ་ཁེ་རྩོམ་ཡིག་གྲངས་ཀ་སོགས)
  2. བདུན་ཕྲག་གཉིས་རེའི་ནང་ཚུན་ལ་རང་ཉིད་ཀྱིས་ལས་ཀའི་གྲུབ་འབྲས་བརྒྱ་ཆ་བརྒྱད་ཅུ་ངེས་པར་སྒྲུབ་ཐུབ་དགོས།