བོད་སྐད་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་རེ་ཞུའི་རྒྱབ་སྐྱོར་བྱེད་ཕྱོགས་ཀྱི་ལམ་སྟོན། RfA (Request for Adminship)
དྲན་གསོ། འདི་ནི་རྒྱབ་སྐྱོར་བ་རྣམས་ཀྱིས་བྱེད་དགོས་པ་ཞིག་ཡིན་པ་ལས། འདེམས་ཐོན་མི་སྣ་རང་ཉིད་ཀྱིས་བྱེད་མི་རུང་།
ལམ་སྟོན།
-
རང་གི་ཝེ་ཁེ་རིག་མཛོད་ནང་ཐོ་འགོད་བྱེད།
-
RfA page ཤོག་ངོས་སུ་འགྲོ།
-
གོང་དུ་ཡོད་པའི་‘Edit source’ ཞེས་པའི་ཐོག་གནོན།
-
ཁྱེད་ཀྱིས་རྒྱབ་སྐྱོར་ཞུ་སའི་འདེམས་ཐོན་མི་སྣའི་ལོ་རྒྱུས་ཡོད་སའི་སྡེ་ཚན་དུ་འགྲོ། དཔེར་ན། === [[User:Pecha-Tsewang]] ===
-
སྡེ་ཚན་འདིའི་མཇུག་ཏུ་ ‘འདེམས་ཐོན་ངོས་ལེན།’ ཞེས་པའི་སྡེ་ཚན་མཐོང་རྒྱུ་ཡོད། འདི་ལྟར། འདེམས་ཐོན་ངོས་ལེན། Nomination Acceptance
-
དེའི་རྗེས་སུ་སྡེ་ཚན་གསུམ་ཡོད།
-
རྒྱབ་སྐྱོར། Support
-
འགག་པ། Oppose
-
དཔྱད་བརྗོད། Comments
-
-
གལ་ཏེ་ཁྱེད་ཀྱིས་འདེམས་ཐོན་མི་སྣ་དེར་རྒྱབ་སྐྱོར་བྱེད་འདོད་ན། རྒྱབ་སྐྱོར། Support ཞེས་པའི་མགོ་བརྗོད་འདིའི་འོག་ཏུ། འདེམས་ཐོན་མི་སྣ་འདིར་ཁྱེད་ཀྱིས་ཅིའི་ཕྱིར་རྒྱབ་སྐྱོར་བྱེད་པའི་རྒྱུ་མཚན་མདོར་བསྡུས་ཤིག་འབྲི་དགོས། འབྲི་སྟངས་ནི་གཤམ་གསལ་ལྟར།
#Pecha-Tsewang ཁོང་ནི་ཝེ་ཁེ་མ་ལག་གི་ལས་རིགས་ལ་དོ་དབྱིངས་དང་ཉམས་མྱོང་ཡོད་པའི་ཁར། བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ལ་གོ་བ་ལེགས་པོ་ཡོད་པ་མ་ཟད། དབྱིན་སྐད་ཀྱི་ཤེས་ཚད་གང་ལེགས་ཡོད། ཁོང་ནི་བོད་སྐད་ཝེ་ཁེ་ལས་འཆར་དང་འབྲེལ་བའི་ལས་དོན་ཐ་དག་ལ་ཞབས་ཞུ་སྒྲུབ་ཐུབ་པའི་ཤེས་འཇོན་ལྷག་བསམ་ཅན་གྱི་ཚོགས་མི་ཞིག་ཡིན་པས། དྲང་ལྡན་ཞིབ་ཚགས་ངང་རང་ལ་བསྐུར་བའི་ལས་འགན་ཐ་དག་སྒྲུབ་པའི་ཡིད་ཆེས་ཡོད། ངས་ཁོང་ཝེ་ཁེ་བཀོད་འདོམས་པའི་འོས་མིར་འདེམས་ཐོན་བྱུང་བར་འཚམ་འདྲི་ཞུ་བ་དང་ཆབས་ཅིག རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན།~~~~
ཁྱེད་ཀྱི་རྒྱབ་སྐྱོར་ཡི་གེའི་འགོར་ # ཞེས་པ་དང་མཇུག་ཏུ་ ~~~~ ཞེས་འབྲི་རྒྱུ་མ་བརྗེད་པ་གནང་། དེ་འབྲི་སྐབས་རང་རང་གི་གློག་ཀླད་ཀྱི་མཐེབ་གཞོང་དེ་བོད་ཡིག་ནས་དབྱིན་ཡིག་ཏུ་ངེས་པར་བསྒྱུར་དགོས་པ་རེད།
- ད་ནི་ ‘Publish changes’ ཞེས་པའི་ཐོག་གནོན་ནས་ལས་ཀ་གྲུབ་སོང་།
སརྦམངྒལཾ
List of Supporters/Members with more than 500 edits till date 1st Aug 2025
-
Pecha-Gade (503)
-
Pecha-Alalamo (791)
-
Tsethar Dolma (668)
-
Sonam gyal (541)
-
Rekong Rabten (680)
-
Kalsumsingmo (1563)
-
Pecha-Jampa Tennor (787)
-
Pecha-Dhondup (959)