How to Change the page name/title in Wikisource using the 'Move Tool'

སྤོ་ཆས་བེད་སྤྱོད་ཐོག་ནས་ཝེ་ཁེ་མ་ཡིག་གི་མིང་བྱང་བཅོས་སྟངས།

Using the Move Tool in Wikisource, to make changes to a page title

མིང་བྱང་ལ་འགྱུར་བ་གཏོང་བའི་ཕྱིར།

  1. ཁྱེད་ཀྱིས་བརྗེད་པར་འདོད་པའི་ཤོག་ངོས་དེར་སོང་།
  2. གཡས་ཕྱོགས་ན་ལག་ཆའི་ཚན་བྱང་(Toolbar)ལས་Moveཞེས་པ་དེར་གནོན། (གཤམ་འོག་ཏུ་དཔེ་མཚོན་གྱི་པར་རིས་ཡོད།)
  3. དེའི་འགེངས་ཤོག་གི་བར་སྟོང་རྣམས་རིམ་པས་འགེངས་པ་ལ་དང་པོ། (Main)ཞེས་པའི་འདེམས་བྱའི་ཐོ་གཞུང་(dropdown menu)ལས་མིང་བྱང་གི་གོང་ལ་གང་ཡོད་པའི་སྡེ་ཚན་དཔེར་ན་Talk, Index, ལ་སོགས་མིང་ཁོངས་(namespace)གང་ཡིན་པ་ལྟར་འདེམས་དགོས། མིང་ཁོངས་བྱེ་བྲག་གང་ཡང་མེད་ན་Mainཞེས་པ་དེ་རང་འཇོག་ཆོག
  4. དེ་ནས་ཁ་བྱང་གསར་པ་གང་དགོས་པ་དེ་འབྲི་རྒྱུ།
  5. དེ་ནས་མིང་འགྱུར་བྱ་དགོས་པའི་རྒྱུ་མཚན་བཀོད་པར་འདེམས་པ་གཉིས་ལས་དག་ཆ་ནོར་བ་ཡིན་ན་འོག་མ་དེ་འདེམས་དགོས་པ་དང་། རྒྱུ་མཚན་གཞན་ཡོད་ན་གཞན་དེ་འདེམས་ནས་དེ་མཚུངས་འགྲེལ་བརྗོད་དེ་འོག་འགོད་རྒྱུ།
  6. དེ་ནས་Watch source page and target pageཞེས་པའི་རྟགས་སྒམ་(checkbox)དེ་འདེམས་པ་ཡིན་ན་ཤོག་ངོས་གསར་རྙིང་གཉིས་ལ་ཕྱིས་སུ་འགྱུར་བ་གང་གཏང་ཡང་རང་ཉིད་ལ་གསལ་བརྡ་བྱེད་པ་རེད། དེ་མི་འདེམས་ནའང་ཆོག་པ་རེད།
  7. མཐའ་མར་ Go ཞེས་པ་དེར་གནོན་དགོས།

མཆན།

  • མིང་བྱང་ལ་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་མང་པོ་ཡོང་ཆོག་པ་ལས། དཔེར་ན། དག་ཆ་ནོར་བ། དག་ཆ་འདྲ་བའི་ཤོག་ངོས་གཞན་དང་འཁྲུག་གཞི་ཡོད་པ། མིང་བྱང་གསར་པ་དེ་བེད་སྤྱོད་གཏོང་མཁན་མང་པོ་ཡོད་པ་ལ་སོགས་ཡོད།
  • Moveཞེས་པའི་ལག་ཆ་དེ་བེད་སྤྱོད་གཏོང་ཆོག་པའི་ཆེད་ཁྱེད་ཐོག་མར་ཁྱེད་ཀྱི་མིང་ཐོ་(Account)དེ་autoconfirmཡིན་པ་དགོས། དེའི་ཆ་རྐྱེན་ནི་མིང་ཐོ་བཀོད་ནས་ཉིན་བཞི་ལས་མི་ཉུང་བ་སོང་བ་དགོས་པ་དང་། ད་བར་རྩོམ་སྒྲིག་བཅུ་ལས་མི་ཉུང་བ་བྱས་ཟིན་པ་དགོས།
  • གལ་སྲིདའགྱུར་བ་གཏོང་བར་འདོད་པའི་མིང་བྱང་གསར་པ་དེ་གཅིག་མཚུངས་ཀྱི་ཤོག་ངོས་ཤིག་སྔོན་ནས་ཡོད་པ་ཞིག་ཡིན་ན་འགྱུར་བ་གཏོང་མི་ཐུབ།
  • འགྱུར་བ་གཏོང་མི་ཆོག་པའི་ཤོག་ངོས་སམ་འགོག་སྲུང་བྱས་པའི་རིགས་ལ་འགྱུར་བ་གཏོང་མི་ཐུབ།
  • དེ་ལྟར་མིང་བྱང་ལ་འགྱུར་བ་གཏོང་བའི་སྐོར་གྱི་གནས་ཚུལ་རྣམས་འོག་ཏུ་ཡོད་པའི་Move Log ཞེས་པར་གཟིགས་ཐུབ།

ཐུགས་རྗེ་ཆེ།